rss

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་


ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་མ་ལག་གི་ཉེས་འཇལ་བཀས་བཅད་ཅན་དུ་གཏོང་བའི་ཟབ་སྦྱོང་འཛིན་གྲྭ་ཀན་ལྷོ་ཡན་ལག་སློབ་གླིང་དུ་སྒྲུབ་པ། ༢༠༡༤ལོའི་ཟླ༣ཚེས༢༤ནས༢༦དང་། ཚེས་༢༧ནས་༢༩བར་གྱི་ཉིན་དྲུག་གི་ནང་དུ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་མ་ལག་ཉེས་འཇལ་བཀས་བཅད་ཅན་དུ་གཏོང་པའི་ཟབ་སྦྱོང་འཛིན་གྲྭ་ཐེངས་དང་བོ་དང་ཐེངས་གཉིས་པ་ཀན་ལྷོའི་ཡན་ལག་སློབ་གླིང་དུ་འཛུགས་གཉེར་བྱས་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་སོ་སོ་ནས་ཡོང་བའི་ཁྲིམས་དཔོན༢༥༧་ཟབ་སྦྱོང་བྱེད་པའི་བྱ་འགུལ་ནང་དུ་ཞུགས། དེའི་ནང་དུ་བུད་མེད་ཁྲིམས་དཔོན༩༡དང་གྲངས་ཉུང་མི་རིགས་ཁྲིམསདཔོན༢༡ཡོད། བོད་རིགས་ཁྲིམས་དཔོན༡༡དང་ཧུའེ་རིགས་ཁྲིམས་དཔོན་༡༠་ཡོད།《 མི་དམངས་ཁྲིམས་ཁང་གི་ཉེས་འཇལ་མཛུབ་སྟོན་བསམ་འཆར》ནི། ཉེས་ཁྲིམས་དང་ཉེས་དོན་ཁྲིམས་འཛིན་འགྲེལ་བ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《 མི་དམངས་གི་ཁྲིམས་ཁང་ཉེས་འཇལ་མཛུབ་སྟོན་བསམ་འཆར》ལ་སོགས་པའི་གཏན་ཁེལ་གཞིར་བཟུང་སྟེ། རང་ཞིང་གི་ཉེས་དོན་འདྲི་གཅོད་ལག་ལེན་དང་ཟུང་འབྲེལ་སྒོས་སྤེལ་བ་ཞིག་ཡིན།དམིགས་ཡུལ་ནི་ཉེས་འཇལ་བྱ་འགུལ་དང་།ཁྲིམས་དཔོན་ཁྲུན་བཅད་དབང་ཆ་བཀས་བཅད་ཅན་དུ་གཏོང་བ། དེ་དང་མཉམ་དུ་ཉེས་འཇལ་ཡང་ཁྲིམས་རའི་འདྲི་གཅོད་ལས་རིམ་ནང་དུ་འཇུག་པ།ཉེས་འཇལ་གྲོས་གཞི་འདོན་པ། དམ་ལྷོད་མཉམ་འབྲེལ་གྱི་ཉེས་དོན་སྲིད་ཇུས་དང་དུ་བླང་བ། ཉེས་འཇལ་གྱི་མངོན་སུམ་དང་ཕྱི་གསལ་ནང་གསལ་གྱི་རང་བཞིན་འབུར་དུ་ཐོན་དགོས། ཉེས་འཇལ་དྲང་པོ་བྱེད་པ། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས་པས་"གྱོད་དོན་གཅིག ཐག་གཅོད་གཉིས།"ཞེས་པའི་གནད་དོན་ཚད་ངེས་ཅན་ཞིག་གི་ནང་དུ་ཐག་གཅོད་ཐུབ་པ་བཅས་བྱ་རྒྱུ་དེ་ཡིན། ཟབ་སྦྱོང་བྱེད་སྐབས།སློབ་གཉེར་བ་ཚོས་རང་འགུལ་སྒོས་སློབ་སྦྱོང་དང་བདེ་འཇགས། དཔྱད་ཞིབ་སོགས་ཀྱི་དོ་དམ་ལམ་ལུགས་སྐོར་བརྩི་སྲུང་བྱས་པ་དང་གཟབ་ནན་གྱི་སྒོ་ནས་སློབ་སྦྱོང་བྱསཔས། ཉིན་དྲུག་གི་ཟབ་སྦྱོང་ནི་ཚགས་དམ་ཞིང་གཡུར་དུ་ཟ་བའི་འབྲས་བུ་ཡག་པོའང་ཐོབ་ཡོད་པ་རེད།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་ལྷོ་ཡན་ལག་སློབ་གླིང་གིས
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་

མཉམ་རོལ།: