rss

རྒྱལ་ཡོངས་གྲངས་ཉུང་མི་རིགས


  རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་དཔོན་བཞུགས་མོལ་ཚོགས་འདུ་སྤེལ་བ།          ཀྲུང་དབྱང་གི་མགོ་ཁྲིད་དང་ཞིང་ཆེན་ཏང་མགོ་ཁྲིད་ཀྱིས་མི་རིགས་ས་ཁུལ་ཁྲིམས་ཁང་གི་སྐད་གཉིས་མི་སྣ་ཟབ་སྦྱོང་བྱ་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་མོ་བྱ་ཆེད།  ཟླ་༧པའི་ཚེས་༣༡ཉིན།ཀན་སུའུ་ཞིང་ཆེན་རྒྱུན་ལས་ཨུ་ཡོན།ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚེ་དཔག་སྐྱབས་ཀྱིས་ཞིང་ཆེན་སྒྲིག་ཁོངས་གཞུང་ལས་ཁང་།ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་སོགས་འབྲེལ་ཡོད་འགན་འཁྲི་མི་སྣ་དག་ཁྲིད་ནས་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུའི་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞིར་ཕེབས་པ་དང་།གནས་གཞིའི་འཛུགས་སྐྲུན་ཁྲོད་འཕྲད་པའི་གནད་དོན་ལ་རྒྱུས་ལོན་བྱས།ཁོས་བཤད་རྒྱུར།མི་རིགས་ཁྲིམས་དཔོན་ཟབ་སྦྱོང་བྱ་བར་ཤུགས་སྣོན་བྱ་རྒྱུ་ནི་མི་རིགས་ས་ཁུལ་ཁྲིམས་དཔོན་གྱི་བྱང་ཚད་མཐོར་འདེགས་དང་།མི་རིགས་མཐུན་སྒྲིལ།མི་རིགས་ས་ཁུལ་སྤྱི་ཚོགས་བདེ་འཇགས་ཡོང་བར་རྨང་་གཞི་འཇོག་པའི་བྱ་བ་གལ་ཆེན་ཞིག་ཡིན།  འབྲེལ་ཡོད་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱི་མཛུབ་སྟོན་བསམ་བློ་ལག་བསྟར་ནན་མོ་བྱས་ནས།འབྲུག་ཆུའི་མི་རིགས་ཁྲིམས་དཔོན་གནས་གཞིའི་འཛུགས་སྐྲུན་ལ་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱ་དགོས་ཞེས་གསུངས་སོ།།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཁྲིམས་ལུགས་ཀྱིས་སྲོལ་རྒྱུན
རྩོམ་ཅོག་མ།:ཁྲིམས་ཁང་གི་ལས་བྱེད་ཉེན་རྟ

མཉམ་རོལ།: